芒康县第二届“红色昌都·振兴奋进”群众性比赛活动知识(十)
2026年03月17日 10时50分
【字体:大 中 小】
【打印本文】
名词解释:四件大事:稳定、发展、生态、强边。
两个确立:党确立习近平同志党中央的核心、全党的核心地位,确立习近平新时代中国特色社会主义思想的指导地位。两个维护:坚决维护习近平总书记党中央的核心、全党的核心地位,坚决维护党中央权威和集中统一领导。
三个赋予、一个有利于:所有发展都要赋予民族团结进步的意义,都要赋予维护统一、反对分裂的意义,都要赋予改善民生、凝聚人心的意义,都要有利于提升各族群众获得感、幸福感、安全感。
三个意识:国家意识、公民意识、法治意识。王君正对昌都提出的“三个成为”总定位和总要求:努力把昌都建设成为副中心城市,塑造成为引领区域协调发展的藏东中心城市和核心增长极,打造成为西藏融入周边经济圈的重要节点和重要开放枢纽。
四个创建:着力创建全国民族团结进步模范区、着力创建高原经济高质量发展先行区、着力创建国家生态文明高地、着力创建国家固边兴边富民行动示范区。
四个走在前列:努力做到民族团结进步走在全国前列,努力做到高原经济高质量发展走在全国前列,努力做到生态文明建设走在全国前列,努力做到固边兴边富民行动走在全国前列。
四个特别:维护党的集中统一领导态度特别坚决;明辨大是大非立场特别清醒;铸牢中华民族共同体意识行动特别坚定;热爱各族群众感情特别真挚。
1+3四个意识宣传教育活动:铸牢中华民族共同体意识、国家意识、公民意识、法治意识宣传教育活动。
3+1+1:全面推进清洁能源、绿色矿业、文化旅游+天地一体的交通枢纽+农牧业的重大任务建设。
昌都市2026年九大工作任务:持续抓好加强党的建设、扛牢维稳首责、攻坚项目建设、推动产业提质增效、强化科技创新、增强民生福祉、加强生态文明建设、深入开展“红色昌都·振兴奋进”群众性比赛活动、全面从严治党等九项重大任务,因地制宜推动经济高质量发展迈上新台阶,确保“十五五”良好开局。
མིང་ཚིག་འགྲེལ་བཤད། དོན་ཆེན་བཞི་སྟེ། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་སྟོབས། གཏན་འཁེལ་གཉིས་ཏེ། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་གཉིས་སོ། །སྲུང་སྐྱོང་གཉིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་གཉིས་སོ། །
ལྡན་དགོས་པ་གསུམ་དང་ཕན་ཐོགས་ཡོད་དགོས་པ་གཅིག་སྟེ། གོང་འཕེལ་གཏོང་རིགས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། རིགས་ཁག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་དགོས་པ་བཅས་ཡིན། འདུ་ཤེས་གསུམ་སྟེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས།ཝང་ཅུན་ཀྲེང་གིས་ཆབ་མདོ་ལ་བཏོན་པའི“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་དང་སྤྱིའི་བླང་བྱ་སྟེ། ཆབ་མདོ་དེ་རང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་གཉིས་པ་ཞིག་ཏུ་འཛུགས་རྒྱུར་ཧུར་ཐག་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པའི་བོད་ཤར་ཕྱོགས་ཀྱི་ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་འཕར་སྣེ་ཞིག་ཏུ་བསྐྲུན་པ། བོད་ལྗོངས་དེ་མཐའ་འཁོར་གྱི་དཔལ་འབྱོར་མུ་ཁྱུད་ནང་འདྲེས་པའི་ས་ཚིགས་གལ་ཆེན་དང་སྒོ་འབྱེད་ལྟེ་གནས་གལ་ཆེན་ཞིག་ཏུ་བསྐྲུན་པ་བཅས་གསུམ་ཡིན། འཛུགས་གཏོད་བཞི་སྟེ། གཅིག་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཞིག་ཏུ་འཛུགས་གཏོད་བྱ་རྒྱུར་འབད་བརྩོན་བྱེད་པ། གཉིས་ནི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ་ཞིག་ཏུ་འཛུགས་གཏོད་བྱ་རྒྱུར་འབད་བརྩོན་བྱེད་པ། གསུམ་ནི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་འཛུགས་གཏོད་བྱ་རྒྱུར་འབད་བརྩོན་བྱེད་པ། བཞི་ནི་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་ཞིག་ཏུ་འཛུགས་གཏོད་བྱ་རྒྱུར་འབད་བརྩོན་བྱེད་པའོ།མདུན་གྲལ་དུ་སླེབས་ཐུབ་པ་བྱ་རྒྱུ་བཞི་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱ་རྒྱུ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱ་རྒྱུ། སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱ་རྒྱུ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་སྤེལ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱ་རྒྱུ་བཅས་ཡིན།“ཤིན་ཏུ་བཞིའི”ཚད་གཞི་སྟེ། ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུའི་ཐད་རྣམ་འགྱུར་འཛིན་སྟངས་ཤིན་ཏུ་ལེགས་པ་དང་། ཡིན་མིན་ཆེན་པོ་དབྱེ་འབྱེད་བྱེད་པའི་ལངས་ཕྱོགས་ཤིན་ཏུ་གསལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་བྱ་སྤྱོད་ཤིན་ཏུ་བརྟན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་ཡོད་པའི་བརྩེ་བ་ཤིན་ཏུ་ཟབ་མོ་ཡོད་པའོ། 1+3འདུ་ཤེས་བཞི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་བརྟན་དུ་གཏོང་དགོས་པའོ། 3+1+1ནི། ནུས་ཁུངས་གཙང་མ་དང་། འབྱུང་མཐུན་གཏེར་ལས་རིགས། རིག་གནས་ཡུལ་སྐོར+གནམ་ས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་ལྟེ་གནས+ཞིང་འབྲོག་ལས་ཀྱི་ལས་འགན་གལ་ཆེན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའོ། ཆབ་མདོ་གྲོང་ཁྱེར་གྱི་༢༠༢༦ལོའི་ལས་འགན་ཆེན་པོ་དགུ་སྟེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བརྟན་བརླིང་སྲུང་སྐྱོང་གི་འགན་འཁྲི་དང་པོ་བརྟན་པོར་འཁུར་བ། འགག་སྒྲོལ་རྣམ་གྲངས་འཛུགས་སྐྲུན། ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ལས་འགན་གལ་ཆེན་དགུ་རྒྱུན་མཐུད་དུ་དམ་འཛིན་བྱས་ནས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཡག་པོ་ཡོང་བར་ཁག་ཐེག་བྱེད་དགོས།
扫一扫在手机打开当前页
相关信息




