当前位置: 首页 / 新闻中心 / 专题报道

芒康县第二届“红色昌都·振兴奋进”群众性比赛活动知识(二)

2026年03月17日 10时09分

【字体:

打印本文

分享:


“红色昌都·振兴奋进”群众性比赛活动主要任务:紧扣自治区党委对昌都的“三个成为”(努力把昌都建设成为副中心城市,塑造成为引领区域协调发展的藏东中心城市和核心增长极,打造成为西藏融入周边经济圈的重要节点和重要开放枢纽。)总定位和总要求,努力解决好人口、人心、人才问题,充分发挥党发动群众、组织群众、宣传群众、教育群众、服务群众的特殊优势,坚决把基层党员干部的先锋模范作用发挥好,把基层党组织真正建设成为坚强的战斗堡垒,坚持物质文明和精神文明一起抓、齐促进,以强基固本支撑昌都全面稳定,以基层治理体系和治理能力现代化支撑促进昌都实现长治久安和高质量发展,奋勇争当做好“四个创建”“四个走在前列”的先锋队、排头兵,真正做到既为一域争光、更为全局添彩。

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན།”མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་ལས་འགན་གཙོ་བོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོ་ལ་བཏོན་པའི་“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་དང་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། (ཆབ་མདོ་དེ་རང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་གཉིས་པ་ཞིག་ཏུ་འཛུགས་རྒྱུར་ཧུར་ཐག་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པའི་བོད་ཤར་ཕྱོགས་ཀྱི་ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་འཕར་སྣེ་ཞིག་ཏུ་བསྐྲུན་པ། བོད་ལྗོངས་དེ་མཐའ་འཁོར་གྱི་དཔལ་འབྱོར་མུ་ཁྱུད་ནང་འདྲེས་པའི་ས་ཚིགས་གལ་ཆེན་དང་སྒོ་འབྱེད་ལྟེ་གནས་གལ་ཆེན་ཞིག་ཏུ་བསྐྲུན་པ། )མི་འབོར་དང་མི་སེམས། ཤེས་ལྡན་མི་སྣ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། ཏང་གིས་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འབུར་དུ་ཐོན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས།  གཞི་རིམ་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་མཐའ་གཅིག་ཏུ་འདོན་སྤེལ་ཡག་པོ་བྱ་རྒྱུ་དང་། ལག་ལེན་དངོས་ཀྱི་ཐོག་ནས་གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱས་ཏེ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་དམ་འཛིན་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། རྨང་གཞི་སྲ་བརྟན་འཛུགས་པ་དེས་ཆབ་མདོའི་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བར་འདེགས་སྐྱོར་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་དེས་ཆབ་མདོ་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་དང་སྐུལ་འདེད་བཏང་སྟེ། དཔའ་ངར་ཆེན་པོས་“འཛུགས་གཏོད་བཞི་”དང་“མདུན་གྲལ་དུ་སླེབས་ཐུབ་པ་བྱ་རྒྱུ་བཞིའི”གདོང་ལེན་རུ་ཁག་དང་སྣེ་ཁྲིད་པར་བརྩོན་ལེན་བྱས་ཏེ། ཕྱོགས་གཅིག་ནས་ས་ཁོངས་གཅིག་ལ་མཚན་སྙན་བསྒྲོན་ཐུབ་པ་དང་། ཕྱོགས་གཅིག་ནས་ཁྱོན་ཡོངས་ལ་གཟི་བརྗིད་འཕྲོ་ཐུབ་པ་བྱེད་དགོས།

扫一扫在手机打开当前页

相关信息