当前位置: 首页 / 新闻中心 / 专题报道

芒康县第二届“红色昌都·振兴奋进”群众性比赛活动知识(九)

2026年03月17日 10时49分

【字体:

打印本文

分享:


现代技艺比赛包括:围绕增强技能、拓展增收渠道、激发奋进精神,组织群众开展农机具使用及维修、清洁能源施工(太阳能设备安装)、挖掘机操作及维修、装载机操作及维修、车辆驾驶及维修(货运车辆)、电焊、钢筋工、厨艺(中餐、西餐、藏餐)、酒店服务(中式铺床和中式摆台)、电工、常用基本消防设施操作11项现代产业技艺比赛特色自选项比赛:井盐晒制技艺比赛。“红色昌都·振兴奋进”群众性比赛活动成果运用:主要包括给予荣誉奖励、促进就业增收、树立用人导向、推动建章立制四个方面。市、县、乡、村四级分别在对比赛中获得优胜的集体和个人召开表彰大会进行隆重表彰,分类解决好获得前三名群众的就业和收入,把干部群众实际参与度作为发现培养、选拔使用优秀干部的重要参考,将比赛开展情况纳入各级领导班子和领导干部考核评价体系,修订完善各项规章制度,提供“长”“常”结合的优秀精神食粮。

དེང་རབས་ལག་རྩལ་འགྲན་བསྡུར། ནུས་རྩལ་མཐོ་རུ་གཏོང་བ་དང་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད། འབད་བརྩོན་གྱི་སྙིང་སྟོབས་སྐུལ་སློང་བཅས་ལ་དམིགས་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་བེད་སྤྱོད་དང་ཉམས་གསོ། ནུས་ཁུངས་གཙང་མའི་ཨར་སྐྲུན(ཉི་ནུས་སྒྲིག་ཆས་སྒྲིག་བཟོ) སྔོག་འཁོར་བཀོལ་སྤྱོད་དང་ཉམས་གསོ། བླུག་འཁོར་བཀོལ་སྤྱོད་དང་ཉམས་གསོ། ཟོག་འདྲེན་འཁོར་ལོ་གཏོང་རྒྱུ་དང་ཉམས་གསོ།  གློག་ཚའི་ལག་རྩལ། ལྕགས་རྩིབས་བཟོ་པ། མ་བྱན་ལག་རྩལ།   (རྒྱ་ཟས་དང་། ནུབ་ཟས། བོད་ཟས།)མགྲོན་ཁང་གི་ཞབས་ཞུ། (རྒྱ་ལུགས་ཉལ་ཆས་འདིང་བ་དང་སྒྲིག་གཤོམ) གློག་ལས་ལག་རྩལ། རྒྱུན་སྤྱོད་རྨང་གཞིའི་མེ་གསོད་སྒྲིག་ཆས་བཀོལ་སྤྱོད་བཅས་ཀྱི་དེང་རབས་ཐོན་ལས་ལག་རྩལ་འགྲན་བསྡུར་ཁག་11སྤེལ་དགོས།ཁྱད་ལྡན་རང་འདེམས་འགྲན་བསྡུར། ཁྲོན་ཚྭ་སྐེམ་བཟོའི་ལག་རྩལ་འགྲན་བསྡུར།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་གྲུབ་འབྲས་གཉེར་སྤྱོད། གཙོ་བོ་གཟི་བརྗིད་བྱ་དགའ་སྤྲོད་རྒྱུ་དང་། ལས་ཞུགས་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ། མི་སྤྱོད་ཁྲིད་སྟོན་འཛུགས་རྒྱུ། སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞི་ཚུད་ཡོད། གྲོང་ཁྱེར་དང་རྫོང་། ཤང་དང་གྲོང་ཚོ་བཅས་རིམ་པ་བཞིའི་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ་དང་། འགྲན་བསྡུར་ཁྲོད་སྔོན་གྱི་ཨང་རིམ་གསུམ་ཐོབ་མཁན་གྱི་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་ལ་རིགས་དབྱེ་ནས་ཐག་གཅོད་ལེགས་པོ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་རྣམས་དངོས་སུ་ཞུགས་པའི་ཚད་དེ་ཕུལ་བྱུང་ལས་བྱེད་པ་ཤེས་རྟོགས་གསོ་སྐྱོང་དང་། འདེམས་སྤྱོད་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། འགྲན་བསྡུར་སྤེལ་བའི་གནས་ཚུལ་དེ་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་ནང་འཇུག་རྒྱུ་དང་། སྒྲིག་སྲོལ་ལམ་ལུགས་ཁག་བཟོ་བཅོས་འཐུས་ཚང་དུ་བཏང་སྟེ། “ཡུན་རིང་”དང་“རྒྱུན་ལྡན”ཟུང་འབྲེལ་བྱེད་པའི་བསམ་པའི་ལོངས་སྤྱོད་ཕུལ་བྱུང་མཁོ་འདོན་བྱ་དགོས། 

扫一扫在手机打开当前页

相关信息