芒康县人民政府

政府信息公开

芒康县林长公示牌

发布时间: 2022-04-20   浏览次数:   【字体:

长:斌(县委书记)

巴桑扎西(县委副书记、政府县长)

责:林长对全县林草资源保护发展负总责,负责组织领导本行政区域内林草资源保护发展工作,落实保护发展森林草原资源目标责任制,组织落实森林草原防灭火、营造修复、重大林草有害生物防治等工作,组织落实森林草原行业行政执法向市级林长、副林长和自治区、市两级包联林长负责并报告工作,统筹部署上级林长安排的工作任务;监督、考核本级包联林长、相关部门和下一级林长、副林长履行职责情况,强化激励与问责机制有效提高森林覆盖率、森林蓄积量、草原综合植被盖度,提升森林草原生态系统质量和稳定性。

林草资源概况:芒康,藏语意为“善妙之地”位于西藏自治区东南部,藏、川、滇三省(区)交界处,西藏的东大门全县幅员面积11580平方公里(1.158万平方公里)林地面积为63.54万公顷,森林面积41.61万公顷,森林蓄积量4767.6万立方米,森林覆盖率35.94%。全县草场面积65.35万公顷,湿地面积1.64万公顷,自然保护地为芒康滇金丝猴国家级自然保护区,面积为17.8万公顷芒康县林草资源丰富,是动植物生长的美好家园,是重要的生态安全屏障。

监督电话:0895-4542174  

芒康县林长制办公室

二〇二二年四月

༄༅། །སྨར་ཁམས་རྫོང་ནགས་དཔོན་གྱི་སྤྱི་བསྒྲགས་བྱང་བུ།

རྫོང་རིམ་པའི་ནགས་དཔོན་  དབྱང་ཡུས་པིང་། ༼རྫོང་ཨུད་ཀྱི་ཧྲུའུ་ཅི༽

པ་སངས་བཀྲ་ཤིས།༼རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་གཞུང་རྫོང་དཔོན༽

ནགས་དཔོན་གྱི་འགན་འཁྲི། ནགས་དཔོན་གྱིས་རྫོང་ཡོངས་ཀྱི་ནགས་རྩྭ་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་སྤྱི་འགན་འཁུར་བ་དང་།སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ནགས་རྩྭ་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལས་དོན་སྒྲིག་འཛུགས་དང་། འགོ་ཁྲིད་བྱེད་འགན་འཁུར་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་དང་འཛུགས་སྐྲུན་ཉམས་གསོ་ནགས་རྩྭའི་གནོད་ལྡན་སྐྱེ་དངོས་ཚབས་ཆེན་འགོག་བཅོས་སོགས་ཀྱི་ལས་དོན་སྒྲིག་འཛུགས་དང་དོན་འཁྱོལ་བྱེད་པ། ནགས་ཚལ་རྩྭ་ཐང་ལས་རིགས་གྲོང་ཁྱེར་རིམ་པའི་ནགས་དཔོན་དང་ནགས་དཔོན་གཞོན་པ་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ལས་སྒོ་འགན་འཁུར་བས་ལས་དོན་སྙན་སེང་ཞུས་ནས་གོང་རིམ་ནགས་དཔོན་གྱིས་བཀོད་སྒྲིག་བྱས་པའི་ལས་ཀའི་ལས་འགན་གཅིག་གྱུར་ཐོག་རིམ་པ་དེ་གའི་འགན་ལེན་ནགས་དཔོན་དང་འབྲེལ་ཡོད་སྡེ་ཚན་དང་རིམ་པ་འོག་མའི་ནགས་དཔོན་དང་ནགས་དཔོན་གཞོན་པའི་འགན་འཁྲི་བསྒྲུབས་ཚུལ་ལ་ལྟ་སྐུལ་དང་དཔྱད་ཞིབ་བྱས་ནས་སྐུལ་ལྕག་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་རྒྱུ།ནགས་ཚལ་ཁེབས་ཚད་དང་ནགས་ཚལ་གསོག་ཚད་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་བཅས་ཕན་ནུས་ལྡན་པའི་སྒོ་ནས་མཐོ་རུ་གཏོང་བ་དང་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་ལྷིང་རང་བཞིན་མཐོ་རུ་གཏོང་རྒྱུར་བཀོད་སྒྲིག་བྱས་དགོས།

ནགས་རྩྭའི་ཐོན་ཁུངས་ཀྱི་གནས་ཚུལ་མདོར་བསྡུས།སྨར་ཁམས་བོད་སྐད་ཀྱི་གོ་དོན་ནི"དགེ་ལེགས་ཀྱི་ས་ཆར"གོ་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་བོད་ལྗོངས་དང་སི་ཁྲོན། ཡུན་ནན་བཅས་ཞིང་ཆེན༼རང་སྐྱོང་ལྗོངས༽གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད།བོད་ལྗོངས་ཀྱི་ཤར་སྒོ་ཆེན་པོ་ཡང་ཡིན། རྫོང་ཡོངས་ཀྱི་མངའ་ཁོངས་སུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་1.158་དང་། ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་63.54ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་41.61ནགས་ཚལ་གསོག་ཚད་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་4767.6ནགས་ཚལ་ཁེབས་ཚད་བརྒྱ་ཆ་35.94ཟིན་གྱི་ཡོད། རྫོང་དེ་ཡོངས་ཀྱི་རྩྭ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་65.35དང་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.64ཟིན་གྱི་ཡོད།  རང་བྱུང་སྲུང་སྐྱོང་བྱ་ཡུལ་ནི་སྨར་ཁམས་ཡུན་ནན་སྤྲེའུ་སྤུ་སེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་དང་རྒྱ་ཁྱོན་ནི་སྤྱི་ཆིང་ཁྲི་17.8ཟིན་གྱི་ཡོད།སྨར་ཁམས་རྫོང་གི་ནགས་རྩྭ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་ནི་སྲོག་ཆགས་དང་རྩི་ཤིང་སྐྱེ་འཚར་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད།

ལྟ་སྐུལ་ཁ་པར་ཨང་གྲངས་ ༠༨༩༥   ༤༥༤༢༡༧༤

          སྨར་ཁམས་རྫོང་ནགས་དཔོན་ལམ་ལུགས་གཞུང་ལས་ཁང་།

                             ༢༠༢༢ལོའི་ཟླ་བ་༥པར།




附件下载:
相关链接: